1 · 1

འཕུར་སྐྱོད་ཀྱི་གླུ་དབྱངས།

Original Epic Chapter 1
གཡའ་བྲག་ཕུག་དོང་མཚོ་མོའི་གཏིང་། བོན་དང་ཞང་ཞུང་གླེགས་བམ་འབུམ། གཏེར་ཐོན་དཀོན་དངོས་ཉི་མ་ཤར་། མཚར་སྡུག་གཏམ་རྒྱུད་དེ་ན་བྱུང་།། གསུང་ཐོས་ཁུ་བྱུག་སྙེན་འཇེབས་ངག། མཐོང་ལམ་འཇའ་ཚོན་སྣ་བདུན་ཤར་། ཁོང་རྟོགས་བློ་གྲོས་མཐོ་རུ་ཕྱིན། སེམས་ཀྱི་སྙན་ངག་ངང་གིས་ཐོན་།། སྟོང་ཕྲག་བཅོ་བརྒྱད་སྔོན་གྱི་རླུང་། ལག་པས་སླར་ཡང་བརྐོས་པའི་སྒྲུང་། བསམ་ཚུལ་སྣ་ཚོགས་ཤར་དང་མཉམ། གཏི་མུག་མུན་པ་ཐལ་བཞིན་ཐོར་།། གསན་པ་པོ་རྣམས་རྣལ་གྱིས་ཉོན་།། ལག་པས་དམ་དུ་འཛིན་པར་གྱིས། སྟན་ཐོག་བརྟན་པོར་འདུག་པར་གྱིས། ཁ་ཁུ་སིམ་པོར་སྡོད་ཅིག་ལགས།  དབུལ་ཕོངས་བསམ་བློའི་བཀག་རྒྱ་རེད། ཀླ་ཀློ་ཉེས་བ་ཀུན་གྱི་གཞི། ཁྲག་ཏོག་འདམ་རར་བྱིང་ན་ཡང་། རང་ཉིད་སྤྲིན་ལ་བཞེངས་སམ་སྙམ། ཐོག་མའི་ལྷ་རབས་ངོ་མཚར་ཆེ་། འབྲུང་འགྱུར་གཏམ་རྒྱུད་ཧ་ལས་ཆེ། ལག་ཟུང་མ་ནེ་སྐྱོར་ནས་སྡོད་། ས་ལ་ལྷུང་ན་ལེན་ཐབས་མེད། ལོ་ངོ་སྟོང་ཕྲག་བཅོ་བརྒྱད་སྔོན་། འཛམ་གླིང་མེས་པོ་བྲག་ཕུག་ནང་། ཤ་རྗེན་ཟ་ཞིང་ཁྲག་འཐུང་་དུས། གངས་ཅན་ཕོ་བྲང་མར་མེ་སྣང་། ཐེག་དགུ་བསྟན་པ་བརྩམས་པ་ཡོད། བདུད་དང་འཚོ་ཤིའི་གན་རྒྱ་བཅས། ཞང་ཞུང་བྲག་ལ་ཡི་གེ་བརྐོས། བློ་སྒོ་ཕྱེ་ཞིང་དཔལ་ཡོན་འཕེལ།། སྙིང་གི་རི་བོང་རུམ་ལ་་བཅུག་ སྤོབས་པའི་སྤྱང་ཀུ་དམ་དུ་བཟུང་། རྟོག་བཟོ་ནམ་མཁའི་དབྱིངས་སུ་རུ། གཤོག་པ་རྒྱས་ནས་འཕུར་བར་གྱིས། ཚེ་སྲོག་ལྡུད་ཕྲན་བཞིན་དུ་ཡལ། ལོ་ཟླ་གཙང་པོར་འདྲེས་ཏེ་བཞུར་། ཐར་བའི་ལམ་དེ་རྙེད་དཀའ་བས། བརྩམས་སྒྲུང་འདི་ཉིད་སེམས་གསོ་ཙམ།།