1 · 2
གཉའ་ཁྲི་བཙན་པོ།
ལོ་སྟོང་གཉིས་ཀྱི་སྔོན་ཙམ་ལ།
ཡར་ལུང་གཙང་པོའི་ལུང་པ་རུ།
མི་རྣམས་འཁྲུག་ཅིང་འཐབ་མོ་བྱེད།
ཚོ་བ་ཕན་ཚུན་གསོད་རེས་བྱེད།
ཁྲིམས་མེད་ལུགས་མེད་གཉལ་བའི་ཁམས།
དེ་དུས་གངས་རིའི་ཡང་རྩེ་ནས།
སྟོབས་ཆེན་དཔལ་བོ་མི་ཞིག་བྱོན་།
སྐུ་གཟུགས་རི་བོ་ལྟ་བུར་བརྗིད།།
སྤྱན་ཟུང་མུན་པའི་སྐར་མ་འདྲ།།
ཕྱག་མཛུབ་བྱ་ཡི་ཞབས་ལྟར་སྦྲེལ།།
ལྗགས་ནི་ཁྱི་ཡི་ལྕེ་ལྟར་ཆེ།།
གཡག་ལྤགས་གོས་སུ་སྐུ་ལ་མནབས།།
ལ་ལས་ལྷ་ཡུལ་བྱོན་པར་བསམ།།
ལ་ལས་ཡུལ་མེད་ཕེབས་པར་བསམ།།
མང་པོས་ཞལ་དང་སྐུ་ལ་བལྟས།།
མི་མིན་རྩངས་པའི་རིགས་སུ་བསམ།།
བོན་པོ་བཅུ་གཉིས་མདུན་དུ་འདུས།།
ཤིང་ཁྲི་རས་ཀྱིས་དམ་པོར་བཅིངས།།
ཕྲག་པར་བཏེགས་ནས་རི་ལས་བབས།།
ལ་ལ་འཇིགས་ཀྱང་གོམ་པ་སྤོས།།
ལ་ལ་དགའ་ཞིང་ང་རྒྱལ་སྐྱེས།།
ལ་ལ་ཐེ་ཚོམ་སེམས་སུ་འཁྲུངས།།
ཀུན་གྱིས་ནུས་པས་རྒྱལ་པོ་བསྐྱོར།།
ཡར་ཀླུང་ཡུལ་དུ་རྒྱལ་རབས་བཙུགས།།
བོད་ཀྱི་རྒྱལ་པོ་དང་པོར་གྲགས།།
མཚན་ལ་གཉའ་ཁྲི་བཙན་པོ་ཐོགས།
རྒྱལ་པོ་དང་པོ་སྟོབས་ཆེ་ཞིང་།
སྙིང་རྗེ་མེད་པའི་དྲག་པོ་ཡིན།
ཉེ་འཁོར་ཚོ་བ་དབང་དུ་བསྡུས།
རང་ཉིད་དམག་སར་བྱོན་ནས་ནི།
དགྲ་བོ་གྲངས་མེད་བསད་པར་གྱུར།
དམག་གི་ལྷ་ཞེས་བསྔགས་པར་འོས།
ལོ་རྒྱུས་སྟེང་དུ་མཚན་གྲགས་ཆེ། །